Tibet Initiative Deutschland e.V.
  • TIBET INITIATIVE
    • GESCHICHTE
    • TRANSPARENZ
    • JAHRESBERICHTE
    • BEIRAT
    • KONTAKT
  • KAMPAGNEN
    • TRANSNATIONALE REPRESSION
    • BLUE TIBET
    • ZWANGSINTERNATE
    • TIBET UNZENSIERT
    • FLAGGE ZEIGEN
    • POLITISCHE GEFANGENE
    • VEREINTE NATIONEN
    • NO BEIJING 2022
  • MITMACHEN
    • MITGLIEDSCHAFT
    • REGIONALGRUPPEN
    • VERANSTALTUNGEN
  • INFORMIEREN
    • AKTUELLES
    • BRENNPUNKT TIBET
    • HINTERGRUND
    • LUNGTA VERLAG
  • SPENDEN
    • FÖRDERER WERDEN
    • ANLÄSSE
    • UNTERNEHMEN
    • NACHLASS
    • GELDAUFLAGEN
    • 3-TAGE-SPENDE
  • PRESSE
  • JETZT SPENDEN

༏དམིགས་ཡུལ༏

ཕྱི་ལོ༡༩༨༩ལོ་ནས་བཟུང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་རྒྱུར་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད༏  ང་ཚོའི་ལས་འགུལ་གྱི་གཞི་རྩ་ནི་འཇར་མི་ནིའི་ཡུལ་གྲུའི་ནང་ཚོགས་མི༢༠༠༠མ་ཟིན་ཙམ་དང་༏ ས་གནས་ཚོགས་ཆུང་༥༠བརྒལ་བའི་ནང་དྭང་བླངས་ཀྱི་སྒོ་ནས་ལས་འགུལ་སྤེལ་མཁན་དང་རྒྱབ་སྐྱོར་གནང་མཁན་དེ་རེད༏  ང་ཚོ་ནི་ཆབ་སྲིད་དང་༏  ཆོས་ལུགས་ཀྱི་ལྟ་གྲུབ་བྱེ་བྲག་པ་ཞིག་གི་ཕྱོགས་སུ་མ་གཏོགས་པའི་ཆབ་སྲིད་ཀྱི་ཚོགས་པ༏  ཁེ་གཉེར་དོན་དུ་མི་གཉེར་བའི་སྤྱི་སྨན་ཚོགས་པ༏  ཞལ་འདེབས་དང་ཚོགས་དོད་གཙོ་གྱུར་གྱི་ངང་འཚོ་བཞིན་པའི་ཚོགས་པ་ཞིག་རེད༏

 

ང་ཚོས་གཤམ་གསལ་གནད་དོན་རྣམས་བདེན་བདར་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད༏

/ བོད་མི་རིགས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་༏

/ ཆོས་དད་དང་༏  གསར་འགོད༏  སྨྲ་བརྗོད་ཀྱི་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་༏

/ གོམ་གཤིས་དང་སྐད་ཡིག་སོགས་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཀྱི་ཐོབ་ཐང་༏

/ བོད་ནང་བོད་མི་ཚོས་སྤྱི་ཚོགས་ནང་ཆ་ཤས་བླང་རྒྱུ་དང་༏  བོད་མི་ཚོར་སྤྱི་ཚོགས་ནང་ཉེ་རིང་ཁྱད་འཛིན་བྱེད་པའམ༏ ཐོབ་ཐང་དང་གོ་སྐབས་ནས་ཕྱིར་འབུད་བྱེད་པར་དགག་པ༏

/ བོད་ཀྱི་ཁོར་ལ་ཡུག་སྲུང་སྐྱོབ་དང་༏  གང་བྱུང་རྩིས་མེད་ཀྱི་ངང་བོད་ཀྱི་རང་བྱུང་གཏེར་ཁ་སྔོག་འདོན་ལ་དགག་པ༏

/ བོད་ཀྱི་རྩོད་རྙོག་དེ་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གི་སྐུ་ཚབ་དབར་གྲོས་མོལ་གྱི་ཐོག་ཞི་བའི་ངང་སེལ་རྒྱུ༏

 

ཕྱི་ལོ༡༩༤༩-༡༩༥༠ལོར་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་པ་དང་རྒྱལ་སྤྱིའི་ཁྲིམས་དང་འགལ་བཞིན་བདག་བཟུང་བྱས་པར་བརྟེན་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་རང་བཞིན་མ་ཡིན་པའི་ངང་འདས་གྲོངས་དང་༏  འབུམ་གཅིག་ལྷག་བཙན་བྱོལ་དུ་བྲོས་དགོས་ཀྱིས་འཛམ་གླིང་ནང་ཁ་འཐོར་དུ་གྱར་ཡོད༏    དེང་སང་བོད་ནང་ཁྲིམས་ལུགས་དབང་འཛིན་དང་འགྲོ་བ་མིའི་ཐོབ་ཐང་ཅི་ཡང་མེད་པ་དང་༏  དོགས་སྲུང་ལྟ་རྟོག་དང་༏  དྲག་གནོན༏  ཉེས་མེད་བཀག་ཉར་དོ་དམ་དེ་བོད་ནང་ཉིན་རེའི་བྱ་གཞག་ཞིག་ཆགས་ཡོད༏  དྲག་གནོན་དེ་འདྲ་གཏོང་མིན་ལ་མ་ལྟོས་པར་བོད་མི་རིགས་ཀྱིས་འཚེ་མེད་ཞི་བའི་ལམ་ནས་འགོག་རྒོལ་བྱས་པ་ དེ་ནི་སྙིང་ཐག་པ་ནས་ང་ཚོའི་ བསྔགས་བརྗོད་ཆེན་པོ་དང་རྒྱབ་སྐྱོར་གཙང་མ་བྱ་འོས་པ་ཞིག་རེད༏

 

ང་ཚོས་ལས་འགུལ་འདི་ལྟར་སྤེལ་གྱི་ཡོད༏

/ བོད་ཀྱི་གནས་ཚུལ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཇི་ལྟར་གཏོང་གི་ཡོད་པའི་སྐོར་གསལ་བཤད་ཀྱིས་སྤྱི་ཚོགས་ནང་བོད་གནས་ལ་དོ་སྣང་སློང་གི་ཡོད༏

/ དམངས་འཁྲོད་ནང་རྒྱུད་བསྐུལ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་འཚོལ་གྱི་ཡོད༏

/ དམངས་གཙོའི་ཆབ་སྲིད་ཚོགས་པ་དང་མི་སྣར་འབྲེལ་བ་ཞུས་ཏེ་བོད་གནས་དེ་ཆབ་སྲིད་ཀྱི་གླེང་སྟེགས་སྒང་ལ་གནས་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད༏

/ ཆབ་སྲིད་ཀྱི་བཙོན་པ་གློད་དགྲོལ་ཡོང་ཆེད་དམིགས་བསལ་ལས་འགུལ་སྤེལ་གྱི་ཡོད༏

/ བཙན་བྱོལ་བོད་མི་མཉམ་དུ་ལས་འགུལ་ཟུང་སྦྲེལ་གྱི་ངང་སྤེལ་བས་མ་ཟད༏ འཇར་འཁོད་བོད་རིགས་ཚོགས་པར་ང་ཚོའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ནང་ཚོགས་མི་ཞིག་བརྫངས་རྒྱུའི་ཆ་རྐྱེན་ཡང་ཕུལ་ཡོད༏

/ རྡ་རམ་ས་ལ་དང་ཡུ་རོབ་ཁུལ་དུ་བརྟེན་གཞི་བྱས་པ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ལས་ཁུངས་ཁང་དང་འབྲེལ་ལམ་བཟང་པོ་ཡོད༏

/༼ITN༽ཞེས་རྒྱལ་སྤྱིའི་བོད་ཀྱི་དྲ་ཚོགས་ཀྱི་ཚོགས་མི་ཡིན་པ་སོགས་ཀྱི་ཆ་ནས་རྒྱལ་ནང་དང་རྒྱལ་ཕྱིར་བོད་ཚོགས་འདྲ་མིན་མཉམ་དུ་འབྲེལ་ལམ་ཉེ་པོ་ཡོད༏

/ དམངས་གཙོ་དོན་གཉེར་ཅན་དང་ཆབ་སྲིད་ཕྱོགས་འགལ་གྱི་ལྟ་གྲུབ་ཅན་གྱི་རྒྱ་རིགས་མཉམ་དུ་འབྲེལ་ལམ་དང་ཁོང་ཚོ་མཉམ་དུ་གྲོས་མོལ་ཡོང་རྒྱུའི་འབད་བརྩོན་བྱ་གི་ཡོད༏

 

འབྲེལ་གཏུགས༏

SPENDEN

ENGLISH | བོད་ཡིག

  • Facebook
  • Twitter
  • Instagram
  • MATERIAL
  • PRESSE
  • JOBS
  • IMPRESSUM
  • KONTAKT
  • DATENSCHUTZ